图片名称

བོད་ལུགས་ཁྱིམ་ཆས། ཆོས་ལུགས་དང་སྒྱུ་རྩལ་མཉམ་འདྲེས།

2022-07-31ཐོན་རྫས་འགྲེམ་སྟོན།

བོད་ལུགས་ཁྱིམ་ཆས་ལ་བོད་པའི་རིག་གནས་ཕུན་སུམ་ཚོགས་པ་འདུས་ཡོད་ལ། སྔོན་བྱོན་མེས་པོའི་བློ་གྲོས་དང་ཕྱི་རབས་པའི་བཟོ་རྩལ་གྱི་ཉིང་བཅུད་འདྲེས་ཡོད།དུས་ད་ལྟ་བོད་པའི་གཞིས་ཁྱིམ་ལས་གཞན་གར་སྟེགས་སུ་བསླེབས་ཡོད་ལ། ཁྱིམ་ཕལ་བ་ཞིག་གིས་ཀྱང་སྤྱོད་ནུས་པའི་ཚད་དུ་ཐོན་ཡོད།དུངས་ཞེན་པར་མཚོན་ན།བོད་ལུགས་ཁྱིམ་ཆས་ནི་སྤྱོད་རྫས་ཁོ་ན་ཙམ་མིན་པར་དྭངས་གཙང་ལྷད་མེད་ཀྱི་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།དེང་གི་དུས་སུ་ཁྱིམ་ཆས་ཀྱི་ཁྲོད་དུ་བོད་ལུགས་ཁྱིམ་ཆས་བཤམས་ཡོད་ལ།སྔར་ལས་ལྷག་པར་བརྗིད་ཆགས་ཤིང་ལྟ་ན་སྡུག་ལ་ཉམས་ཀྱིས་ཕྱུག་ཡོད།

བོད་ལུགས་ཁྱིམ་ཆས་ལ་བོད་པའི་རིག་གནས་ཕུན་སུམ་ཚོགས་པ་འདུས་ཡོད་ལ། སྔོན་བྱོན་མེས་པོའི་བློ་གྲོས་དང་ཕྱི་རབས་པའི་བཟོ་རྩལ་གྱི་ཉིང་བཅུད་འདྲེས་ཡོད།དུས་ད་ལྟ་བོད་པའི་གཞིས་ཁྱིམ་ལས་གཞན་གར་སྟེགས་སུ་བསླེབས་ཡོད་ལ། ཁྱིམ་ཕལ་བ་ཞིག་གིས་ཀྱང་སྤྱོད་ནུས་པའི་ཚད་དུ་ཐོན་ཡོད།དུངས་ཞེན་པར་མཚོན་ན།བོད་ལུགས་ཁྱིམ་ཆས་ནི་སྤྱོད་རྫས་ཁོ་ན་ཙམ་མིན་པར་དྭངས་གཙང་ལྷད་མེད་ཀྱི་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།དེང་གི་དུས་སུ་ཁྱིམ་ཆས་ཀྱི་ཁྲོད་དུ་བོད་ལུགས་ཁྱིམ་ཆས་བཤམས་ཡོད་ལ།སྔར་ལས་ལྷག་པར་བརྗིད་ཆགས་ཤིང་ལྟ་ན་སྡུག་ལ་ཉམས་ཀྱིས་ཕྱུག་ཡོད། 

 

རང་རེའི་བོད་དུ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཆོས་ལུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཞིག་ཡོད་པས།འབངས་ཀྱི་འཚོ་བ་ཆོས་ལ་བརྟེན་ནས་རྒྱ་བསྐྱེད་པ་དང་།བོད་ལུགས་ཁྱིམ་ཆས་དེ་དག་ཚོན་མདངས་རྣམ་པར་བཀྲ་བའི་རི་མོས་བརྒྱན་ཡོད་ལ།རྒྱན་རིས་ཀྱི་སྟེང་དུ་ཆོས་ལུགས་ཀྱི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་ངག་རྒྱུན་ཇི་མ་ཇི་བཞིན་དུ་བཀོད་ཡོད། དེ་བས་ཁྱིམ་ཆས་དག་ལ་གཏམ་རྒྱུད་ཀྱི་ཆ་ཤིན་ཏུ་འཛོམས་པོ་ཞིག་ལྡན་ཡོད། 

 

བོད་ལུགས་ཁྱིམ་ཆས་ཀུང་སིའི་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན།མདོ་དབུས་མཐོ་སྒང་དུ་མི་རབས་མང་པོར་བརྒྱུད་པའི་བོད་པའི་རིག་གནས་ཀྱིས་བོད་ལུགས་ཁྱིམ་ཆས་དེ་མི་རིགས་རིག་གནས་ཀྱི་ཉེར་སྤྱོད་རང་བཞིན་ལྡན་པའི་ཁྱིམ་ཆས་ཐོན་རྫས་སུ་མཚོན་ཐུབ་པ་དང་།ཁྱིམ་ཆས་རིགས་གཞན་དག་གིས་འདྲ་བཤུས་གཏན་ནས་བྱེད་མི་ཐུབ།བོད་པའི་རིག་གནས་ཀྱི་སྒྱུ་རྩལ་ཐོན་ཁུངས་དེ་དེང་གི་དངོས་ཡོད་ཀྱི་ཐོན་ཁུངས་དགེ་མཚན་ལེགས་པར་སྤྱད་ན་གཞི་ནས་བོད་ལུགས་ཁྱིམ་ཆས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་ཐུབ།

 

བོད་ལུགས་ཁྱིམ་ཆས་ཀྱི་ཚོས་མདོག་ཟབ་ཅིང་རྐོ་རྩལ་ཞིབ་ཚགས་ཆེ་བ་ནི་ཁྱིམ་ཆས་གཞན་ལས་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན།དེ་མིན་ད་དུང་གཤམ་གསལ་གྱི་ཁྱད་ཆོས་མངོན་ཡོད་།གྲུབ་ཚུལ་མཛེས་ཏེ།བོད་ལུགས་ཁྱིམ་ཆས་ཀྱི་གྲུབ་ཚུལ་མཛེས་ཤིང་འཚམ་པ།སྤུས་ཀ་དག་པ།ལྷུ་ལག་གི་སྒྲོམ་གཞི་ལུགས་དང་མཐུན་པ།སྤྱིའི་ཆ་ནས་འོས་ཤིང་འཚམ་ལ།སྔར་བཞིན་ཤིང་གི་སྣ་མཆུའི་གྲུབ་ཆ་སྤྱད་དེ་ཁྱིམ་ཆས་སྦྲེལ་ཐབས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཡོད།བཟོ་དུས་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་ནའང་།ལྷད་སྐྱོན་མེད་ལ་སྤྱོད་ཡུན་རིང་།ཉར་ཚགས་ཀྱི་རིན་ཐང་ཅུང་ཟད་ཆེན་པོ་ལྡན་ཡོད།ཁྱིམ་ཆས་ནང་དུ་དངོས་པོ་མང་པོ་གསོག་ཉར་བྱེད་ཐུབ་ལ།བོངས་ཚད་ཆུང་ཡང་ཤོང་ཚད་ཆེ།དངོས་སྤྱོད་རང་བཞིན་ཆེ་ཞིང་།ཚད་ཡོད་ཀྱི་བར་སྟོང་ནང་དུ་བྱེད་ནུས་ཀྱི་སྣ་མང་རང་བཞིན་མངོན་དུ་གྱུར་ཏེ།བློ་གྲོས་ལ་བརྟེན་ནས་གྲུབ་ཚུལ་དང་དབྱིབས་རྣམ་ཀྱི་མཛེས་སྡུག་བསྐྲུན་ཡོད།

 

བཟོ་དབྱིབས་མཛེས་པ་སྟེ།དཔེ་རིས་ཀྱི་སྟེང་ནས་དོ་མཉམ་ཞིང་ཆ་འགྲིག་ལ་དང་དོད་བྱེད་པ་དང་།བཟོ་དབྱིབས་ཀྱི་སྟེང་ནས་གནའ་རབས་ཀྱི་ཉམས་དང་ལྡན་པ།ཆ་ཚང་བའི་དབྱིབས་རྩིས་ཆོས་ཉིད་ཀྱིས་རི་མོ་འབྲི་བའི་རྩ་དོན་བྱས་ཏེ།བོད་ལུགས་ཁྱིམ་ཆས་ཀྱི་སྙོམས་ངོས་བར་སྟོང་མང་ཆེ་བ་ནི་ཆོས་ཉིད་ཡོད་པའི་སྒོ་ནས་དབྱིབས་སྣ་ཚོགས་སུ་དབྱེ་སྟེ།ཕྲ་པང་གིས་རྒྱན་སྤྲས་པ་དང་།ཆ་ཤས་རེ་རེའི་ཞིབ་ཆ་ཚང་མས་རྒྱན་རིས་ཀྱི་ཞིབ་ཚགས་ཕན་འབྲས་ཐོན་པར་བྱས་ཡོད།རྒྱན་སྤྲས་མཛེས་པ་སྟེ།བོད་ལུགས་ཁྱིམ་ཆས་ཡོད་ཚད་ཕལ་ཆེར་ཚོན་མདངས་རྣམ་པར་བཀྲ་བའི་ཚོས་རིས་ཀྱིས་བརྒྱན་ཡོད།ཤལ་རིས་འགྱུར་བས་ཕྱུག་ཅིང་ཉམས་དགའ་ལ་ལྟ་ན་སྡུག་པ་དང་མཛེས་བཟོའི་བཟོ་རྩལ་ཐུནམོང་མ་ཡིན་པ་ཞིག་ཡོད།འདྲ་འབྲི་ཡི་འབྲི་ཐབས་རིམ་དབྱེ་མང་ལ་དེའི་ནང་རིས་ལྡན་ཚོན་བྲིས་དང་།ནོར་བུའི་ཕྲ་རྒྱག་པ།གཅན་གཟན་གྱི་ལྤགས་པས་བརྒྱན་པ།ལྕགས་གཟེར་གྱིས་ཟུར་བརྒྱན་པ་སོགས་ཚུད་ཡོད་པས།དམངས་ཁྲོད་ཀྱི་སྤྲོ་སྣང་གིས་ཁེངས་པ་དང་།ལྷག་པར་དུ་ལྕགས་རིགས་ཀྱི་རྒྱན་སྤྲས་ལ་དེང་རབས་ཀྱི་སྣང་བ་ལྡན་ཡོད།

 

བོད་ལུགས་ཁྱིམ་ཆས་ནི་འགྱུར་ལྡོག་བྱུང་མིན་གྱི་ཁྲོད་དུ།སྲོལ་རྒྱུན་དང་དེང་རབས་ཀྱི་མདུན་སྐྱོད་ལམ་བུ་འཚོལ་བཞིན་ཡོད།ལྷག་པར་དུ་ད་ལྟ་སྣང་ཆུང་བྱེད་མི་རུང་བ་ཞིག་ཏེ་བོད་ལུགས་ཁྱིམ་ཆས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་ནི་རིག་དངོས་ལ་ལྟ་སྟངས་འཛིན་པ་ལྟར་མཐའ་འཁོར་གྱི་ཁོར་ཡུག་དང་འབྲེལ་བ་མེད་པ་ཞིག་གཏན་ནས་མིན།དེ་ལས་ལྡོག་སྟེ་དུས་རབས་དང་འཚམ་པར་འཕེལ་རྒྱས་དང་གསར་སྒྱུར་རྒྱུན་མི་ཆད་པར་བྱས་ཏེ་།རང་ཉིད་ཀྱི་ཁྱད་ཆོས་བཟུང་ན་གཞི་ནས་སྲོག་དང་ལྡན་པའི་རིག་གནས་ཤིག་ཏུ་གྲུབ་ཐུབ།

 

“མི་རིགས་ཀྱི་ཡིན་ན།འཛམ་གླིང་གི་ཡིན”ཞེས་པའི་བོད་ལུགས་ཁྱིམ་ཆས་སྒྱུ་རྩལ་དེ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རང་བཞིན་ལྡན་པ་ནས་འཛམ་གླིང་ཡོངས་ལ་ཁ་ཕྱོགས་ཀྱིན་ཡོད།བོད་ལུགས་ཁྱིམ་ཆས་ཀྱི་རིག་གནས་མཚོན་རྟགས་དང་བཟོ་དབྱིབས་ནི་སྣ་རྐྱང་པ་ཞིག་ཡིན་མོད།མཚོན་རྟགས་ཁྲོད་ཀྱི་གོ་དོན་ནི་ཕུན་སུམ་ཚོགས་པ་ཞིག་ཡིན།དངོས་ཡོད་འཚོ་བའི་རྣམ་པ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན་མོད།འོན་ཀྱང་ཁྱིམ་ཆས་ཀྱི་ནང་དོན་ནི་མི་རིགས་ཆོས་ལུགས་རིག་གནས་ཀྱིས་བསྐྲུན་པ་ཞིག་ཡིན།བོད་ཀྱི་རིག་གནས་དེ་བོད་ལུགས་ཁྱིམ་ཆས་ཀྱི་རྣམ་པའི་གནས་པ་དང་མཉམ་འཇུག་ལ་སྤྱད་པས།བོད་ལུགས་ཁྱིམ་ཆས་ལ“ཆོས་ལུགས”དང“སྒྱུ་རྩལ”མཉམ་འདྲེས་བྱུང་ཡོད་པར་མ་ཟད།དེའི་ནང་ཁུངས་རང་བཞིན་དང་ཕྱི་ཁུངས་རང་བཞིན་མཉམ་དུ་འབྲེལ་ཡོད།

 

 

上一篇
下一篇

དྲ་ཐོག་སྐད་འཇོག

Copyright © ཁྲིན་ཏུའུ་བཙན་པོའི་ངོས་སྙོམས་ཇུས་བཟོ་ལས་སྒྲུབ་ཁང་། པར་དབང་ཡོད་ཚད།||ལག་རྩལ་རྒྱབ་སྐྱོར།ཚོང་མགྲོན་བརྒྱ་འདུས།|ཁེ་ལས་ཀྱི་འབྱོར་ཐང་།

Copyright © ཁྲིན་ཏུའུ་བཙན་པོའི་ངོས་སྙོམས་ཇུས་བཟོ་ལས་སྒྲུབ་ཁང་། པར་དབང་ཡོད་ཚད།||ལག་རྩལ་རྒྱབ་སྐྱོར།ཚོང་མགྲོན་བརྒྱ་འདུས།|ཁེ་ལས་ཀྱི་འབྱོར་ཐང་།