图片名称

ཐང་ག་ནི་ཇི་ལྟར་བྲིས་པ་ཡིན་ནམ།ལག་བྲིས་ཐང་ག་སྒྱུ་རྩལ་གྱི་ཡིད་ཡུལ་མཛེས།

2022-08-29ཐོན་རྫས་འགྲེམ་སྟོན།

ཐང་ག་ནི་བོད་ནས་བྱུང་པ་ཞིག་ཡིན་པས།གཞན་ཡུལ་གྱི་མིའི་ངོས་ནས་བརྗོད་ན་ཐང་ག་ཐོས་པ་ཙམ་ལས་ཞིབ་ལྟ་བྱས་མྱོང་མེད་ཀྱང་སྲིད་ལ་མཚོན་དོན་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་འདུག།འོ་ན་ཐང་ག་ནི་ཇི་ལྟར་འབྲི་དགོས་སམ། རྒྱུ་ཆ་གང་ཞིག་མཁོ་འམ་ཞེ་ན།

ཐང་ག་ནི་བོད་ནས་བྱུང་པ་ཞིག་ཡིན་པས།གཞན་ཡུལ་གྱི་མིའི་ངོས་ནས་བརྗོད་ན་ཐང་ག་ཐོས་པ་ཙམ་ལས་ཞིབ་ལྟ་བྱས་མྱོང་མེད་ཀྱང་སྲིད་ལ་མཚོན་དོན་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་འདུག།འོ་ན་ཐང་ག་ནི་ཇི་ལྟར་འབྲི་དགོས་སམ། རྒྱུ་ཆ་གང་ཞིག་མཁོ་འམ་ཞེ་ན།

ཐང་ག་མང་ཆེ་ཤོས་ནི་མི་རབས་ནས་མི་རབས་བར་གྱི་་བོད་བརྒྱུད་ནང་བསྟན་དང་བོན་ཆོས་ཀྱི་བརྩམས་ཆོས་རེད།ཚོན་བྲིས་ཐང་ག་ནི་ཚོན་རྩི་རིགས་གཉིས་སུ་དབྱེ་ཡོད་པ་སྟེ།གཅིག་ནི་རྒྱུན་སྲོལ་གྱི་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་ཚོན་རྩི་ཡིན་པ་དང་།དེ་ཡིས་བྲིས་པའི་ཐང་གའི་ཚོས་མདོག་དུས་ཡུན་རིང་ན་འགྱུར་སྲིད།ཚོན་རྩི་གཞན་ཞིག་ནི་གཏེར་དངོས་ཀྱི་ཚོན་རྩི་ཡིན་ལ།དེས་བྲིས་པའི་ཐང་གའི་ཚོས་མདོག་ཡུན་རིང་འགོར་ཡང་ལྷུང་མི་སྲིད།

རྒྱུན་བཀོལ་གྱི་ཚོན་རྩི་ལ་ཚོན་རྩི་ནག་པོ་དང་ཚོན་རྩི་དམར་པོ།ཚོན་རྩི་དཀར་པོ།ཚོན་རྩི་སྔོན་པོ།སྐག་ཚོས་དམར་པོ་བཅས་ཡོད།ཐང་ག་འབྲི་བའི་ཚོན་རྩི་དག་ནི་རང་བྱུང་གཏེར་རྡོ་སོགས་རང་བྱུང་གི་རྒྱུ་ཆ་ཡིན་ཏེ།གསེར་དང་མུ་ཏིག།བྱུ་རུ།གཡུ་དང་ལི་ཁྲི་སོགས་ཡོད།བོད་མིའི་འཚོ་བའི་ཁྲོད་དུ་གསེར་དང་དངུལ་རྒྱན་ནི་རྒྱན་ཆ་ཤིན་ཏུ་གཙོ་བོ་ཞིག་ཡིན།ཐང་གའི་སྟེང་དུ་གསེར་དངུལ་གྱིས་མཛེས་རྒྱན་སྤྲས་པའི་པར་རིས་ཁྲོད་ནས་ཁོང་ཚོའི་རྒྱུན་ལྡན་འཚོ་བའི་ཞིབ་ཆ་ཁག་ཅིག་དང་།གསེར་དངུལ་ལ་ཡིད་སྨོན་བྱེད་པའི་རེ་སྙེག་དང་དད་གུས་སོགས་ཉམས་སུ་མྱོང་ཐུབ།

 

ཐང་ག་ཞིག་འབྲི་བར་ལས་རིམ་དང་ཡོ་བྱད་མི་འདྲ་བ་ཞིག་མཁོ་ཞིང་།ད་ལྟ་ཁྱེད་རྣམ་པར་ཐང་ག་འབྲི་བའི་ཡོ་བྱད་འགའ་ངོ་སྤྲོད་བྱས་ན།རིས་སྨུག་ཆེ་ཆུང་།སྤྱང་ཚེར་གྱི་སྨུ་གུ་ཕྲ་ཤོས།ཚོས་སྒམ།འབྲི་གདན་བཅས་སོ། །

 

ཐང་ག་འབྲི་སྐབས་སྔོན་ལ་ངོས་འཇམ་ལ་ཅུང་མཐུག་པའི་རས་དཀར་པོ་ཞིག་གདམ་དགོས་པ་དང་།རས་དེ་སྣུམ་རྫོབ་གོས་པ་ཞིག་ཡིན་མི་རུང་ལ།བུ་ག་བརྟོལ་ནས་གས་སྲུབས་ཅན་ཞིག་ཀྱང་ཡིན་མི་རུང་།རས་ཀྱི་དཀྱུས་ཞེང་གི་བསྡུར་ཚད་འོས་ཤིང་འཚམ་པོ་ཞིག་ཡིན་དགོས།རས་དེ་ཆུང་དྲགས་ན་མཐའ་གཉིས་སུ་རས་མཐུད་ཆོག་ལ།མཐུད་གནས་སུ་ལྟེབ་ཤུལ་བྱུང་མི་རུང་།སྐུད་སྣེ་འཇོག་མི་རུང་པར་བཙེམ་ཤུལ་དེ་སྙོམས་པོར་བྱས་ནས་འཇམ་པོར་བྱ་དགོས།

 

གོ་རིམ་དང་པོ། སྐྱ་བྲིས།

 

གོ་རིམ་གཉིས་པ། ཐང་གའི་ཚོན་འབྱུག།

 

ཚོན་བྱུགས་པ་ལ་འང་དོ་སྣང་བྱེད་བཞིན་ཡོད་དེ།སྤྱིར་བཏང་དུ་སྔོན་ལ་ནམ་མཁའ་དང་ས་གཞི་སོགས་ལ་ཚོན་བྱུགས་དགོས།དེ་ནས་རྒྱན་གོས་དང་ཤ་པགས།སྤྲིན་དུ།མེ་ཏོག་དང་རྩི་ཤིང་།ཆུ་རིས།བསིལ་ཁང་།ཁྱམས་རིང་།མཆོད་རྫས་སོགས་ལ་རིམ་བཞིན་དུ་ཚོན་བྱུགས་དགོས།ཚོན་བྱུགས་དུས་ནོར་མི་རུང་ལ་མཉམ་དུ་བསྲེས་ཀྱང་མི་རུང་།ཚོན་སྨྱུག་གིས་ཚོན་བྱུགས་དུས།གཡོན་ནས་གཡས་བར་རིམ་པ་བཞིན་དུ་ཚོན་བྱུགས་དགོས།ཐང་ག་འབྲི་བའི་བརྒྱུད་རིམ་དུ་ཞིབ་ཕྲ་མང་པོ་ཞིག་ལ་དོ་སྣང་བྱ་དགོས།རི་མོ་མང་པོ་ཞིག་གི་ཆ་ཤས་ཧ་ཅང་ཞིབ་ཚགས་ལྡནཔ་དང་།ཁ་ཤས་ཤིག་ནི་པིར་སྨྱུག་ཤིན་ཏུ་ཆུང་ངུས་སྨྱུག་རྩེ་རིམ་པ་བཞིན་དུ་བསྒྱུར་དེ་ཞིབ་ཏུ་འབྲི་དགོས།དེར་བརྟེན་ཐང་གའི་རི་མོ་མང་པོ་ཞིག་ནི་ཤིན་ཏུ་ཕྲ་བའི་སྤྱང་ཚེར་གྱིས་བྲིས་པ་ཡིན།

 

སྐྱ་བྲིས་ཡོངས་སུ་གྲུབ་རྗེས།པར་ངོས་སུ་བྲིས་པའི་མཚེའུ་དང་བྲག་རྡོ།དེའུ་འབུར།སྤྲིན་སྨུག་སོགས་ཀྱི་ལྗོངས་རིས་མི་འདྲ་བར་གཞིགས་ན།ལྗོངས་རིས་མི་འདྲ་བའི་སྟེང་དུ་བབ་མཚུངས་ཀྱི་ཚོན་མདོག་བྱུགས་དགོས།ཐེངས་གཅིག་ལ་ཚོས་མདོག་གཅིག་མ་གཏོགས་བྱུགས་མི་རུང་།ཚོན་གཏོང་དུས་ཚོན་སྲབ་བུ་ནས་ཇེ་ཟབ་ཏུ་རིམ་པ་ལྟར་གཏོང་དགོས།།ཚོན་བཏང་རྗེས་ཀྱི་གོམ་པ་དང་པོ་ནི་བཅད་རིས་རྒྱག་པ་དེ་ཡིན།དེ་ལ་རིགས་ཆེན་པོ་ལྔ་ཡོད་དེ།འཇམ་བཅད་དང་ན་བཟའི་བཅད།བུན་བཅད།ལོ་མའི་བཅད།རྩུབ་བཅད་བཅས་ཡིན།འབྲི་ཐབས་དེ་དག་ཀྱང་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་རི་མོ་འབྲི་སྟངས་ཤིག་རེད།ཚོན་བཏང་རྗེས་ཀྱི་ཐང་ག་ནི་བཅད་པིར་གྱིས་བྲིས་ཆོག་ཅིང་།བཅད་རིས་ལ་ཕྲ་སྦོམ་མེད་པར་འཇམ་བཅད་ཅིག་ཡིན་དགོས།འཚེམ་དྲུབ་ཀྱི་ཐིག་རིས་ལྟ་བུའི་འཇམ་བཅད་བྱ་དགོས་ལ།ལྷོད་ཤ་མེད་པའི་བཅད་རིས་དང་འདྲ་བར་རྩུབ་བཅད་ཀྱི་ཤུགས་ཚད་ཀྱང་ལྡན་དགོས།གོང་གསལ་གྱི་ལས་རིམ་གྲུབ་རྗེས་ཐང་ག་ཞིག་ལེགས་འགྲུབ་བྱུང་པ་རེད།

 

ཐང་ག་བའབྲི་བཞེངས་ནི་རྙོག་འཛིང་ཆེ་ཞིང་ཞིབ་ཚགས་ལྡན་པའི་བརྒྱུད་རིམ་ཞིག་ཡིན།གོ་རིམ་གང་ཞིག་ཡིན་རུང་གཟབ་ནན་བྱེད་དགོས་པ་མ་གཏོགས་འབྲི་ནོར་ཏོག་ཙམ་བྱུང་ན་རི་མོ་ཡོངས་རྫོགས་བསླད་སྲིད།

上一篇
下一篇

དྲ་ཐོག་སྐད་འཇོག

Copyright © ཁྲིན་ཏུའུ་བཙན་པོའི་ངོས་སྙོམས་ཇུས་བཟོ་ལས་སྒྲུབ་ཁང་། པར་དབང་ཡོད་ཚད།||ལག་རྩལ་རྒྱབ་སྐྱོར།ཚོང་མགྲོན་བརྒྱ་འདུས།|ཁེ་ལས་ཀྱི་འབྱོར་ཐང་།

Copyright © ཁྲིན་ཏུའུ་བཙན་པོའི་ངོས་སྙོམས་ཇུས་བཟོ་ལས་སྒྲུབ་ཁང་། པར་དབང་ཡོད་ཚད།||ལག་རྩལ་རྒྱབ་སྐྱོར།ཚོང་མགྲོན་བརྒྱ་འདུས།|ཁེ་ལས་ཀྱི་འབྱོར་ཐང་།