
ཐང་ག་ཉར་ཚགས་བྱེད་ན་དོ་སྣང་བྱ་ཡུལ་ལྔ་ལྡན་དགོས།
2022-08-29ཐོན་རྫས་འགྲེམ་སྟོན།
ཐང་ག་ཉར་ཚགས་བྱ་འདོད་ན།ཐང་ག་བསྡུ་ཉར་གྱི་སྐོར་ཚོར་མྱུར་བར་འཇུག་བཞིན་ཐང་གའི་རིགས་དབྱེའི་ཁྱད་ཆོས་དང་བརྗོད་གཞིའི་ནང་དོན།འབྲི་བའི་བརྒྱུད་རིམ།བསྡུ་ཉར་མ་འཇོག་གི་གནས་ཚུལ་བཅས་ལ་རྒྱུས་མངའ་ཁོང་དུ་ཆུད་པ་ཞིག་བྱ་དགོས་ལ།དེ་ལྟར་བྱས་ཚེ་གཞི་ནས་གོ་ནོར་ཐེབས་མི་སྲིད།
ཐང་ག་ཉར་ཚགས་བྱ་འདོད་ན།ཐང་ག་བསྡུ་ཉར་གྱི་སྐོར་ཚོར་མྱུར་བར་འཇུག་བཞིན་ཐང་གའི་རིགས་དབྱེའི་ཁྱད་ཆོས་དང་བརྗོད་གཞིའི་ནང་དོན།འབྲི་བའི་བརྒྱུད་རིམ།བསྡུ་ཉར་མ་འཇོག་གི་གནས་ཚུལ་བཅས་ལ་རྒྱུས་མངའ་ཁོང་དུ་ཆུད་པ་ཞིག་བྱ་དགོས་ལ།དེ་ལྟར་བྱས་ཚེ་གཞི་ནས་གོ་ནོར་ཐེབས་མི་སྲིད།
གཅིག ཐང་གའི་རིགས་དབྱེའི་ཁྱད་ཆོས།
ཐང་གའི་རིགས་ཤིན་ཏུ་མང་པོ་ཞིག་ཡོད་ཅིང་།མཚོན་ཚུལ་ཐད་ནས་བལྟས་ན།སྤྱིར་ཐང་ག་བྲིས་མ་དང་།ཐང་ག་པར་མ།ཐང་ག་བཏགས་མ།ཐང་ག་འཚེམ་མ།སྐུད་དྲུབ་ཐང་ག།མེ་ཏོག་སྦྱར་བའི་ཐང་ག།ཐང་ག་སྦྱར་མ།མུ་ཏིག་ཐང་ག།ཐང་ག་ཕྲ་བརྒྱན་མ་སོགས་ཡོད།རི་མོའི་འབྲི་རྩལ་ལ་བལྟས་ན།སྣག་བྲིས་དང་ཚོན་བྲིས།སྐྱ་བྲིས་སོགས་ཡོད།སྒྱུ་རྩལ་གྱི་གཤིས་སྲོལ་ཐད་ནས་བརྗོད་ན།ཐང་གའི་དོ་སྙོམས་ཤིང་ཆ་འགྲིག་ལ་དང་དོད་བྱ་དགོས་པར་མ་ཟད་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་དགོས།ཐིག་རིས་ཀྱི་བཟོ་དབྱིབས་གནད་དུ་འཁེལ་དགོས་པ་དང་།བཟོ་ཚགས་དམ་ཞིང་མཛེས་པ།ཚོས་ཁ་མངོན་གསལ་དོད་པ་དང་བསྡུར་ཚད་ཆེ་བ། གསེར་བཅད་ནས་ཚོན་སྐོང་བ།མཛེས་ཤིང་བརྗིད་ཆགས་པ།རི་མོའི་བཀོད་པ་རྒྱས་ཤིང་།དངོས་བྲིས་ཞིབ་ཅིང་ཕྲ་བ།མང་ཞིང་ཞིབ་ཚགས་པ་བཅས་ཡིན།ཕུལ་བྱུང་གི་ཐང་ག་ནི་ཟླ་ཁ་ཤས་སམ་ལོ་གཅིག་ཡན་གྱི་དུས་ཡུན་ནང་དུ་གཞི་ནས་ལེགས་འགྲུབ་བྱུང་ཐུབ།
གཉིས། སྐབས་བགོས་གྲུབ་མཐའ།
ཐང་ག་ནི་ཐང་རྒྱལ་རབས་ཀྱི་དུས་ནས་བྱུང་པ་དང་།ལོ་ངོ་1000ལྷག་གི་རིང་ལ་ཐང་གའི་སྒྱུ་རྩལ་རིམ་འགྱུར་གྱི་བརྒྱུད་རིམ་ཁྲོད་དུ་རང་ཉིད་ཀྱི་རྒྱུན་འཛིན་དར་སྤེལ་བྱས་པ་ལས་གཞན་མཉམ་འདྲེས་ཀྱི་ཆ་ཞིག་ཀྱང་བྱུང་ཡོད་པ་སྟེ།རྒྱ་གར་གྱི་གཤིས་སྲོལ་དང་ནེ་པ་ལའི་གཤིས་སྲོལ།གུ་གེའི་གཤིས་སྲོལ།ནུབ་རྒྱུད་ཀྱི་གཤིས་སྲོལ།རྒྱ་ནག་གི་གཤིས་སྲོལ་སོགས་དང་འདྲེས་ཡོད།
གསུམ། བརྗོད་གཞིའི་ནང་དོན།
ཐང་གའི་བརྗོད་གཞིའི་ནང་དོན་ཤིན་ཏུ་རྒྱ་ཆེ་བས།བོད་པའི་ཤེས་བྱ་ཀུན་འདུས་ཞེས་པའི་མིང་བཏགས་ཡོད་ལ།དེའི་ནང་དུ་ཆོས་ལུགས་དང་ཆོས་ལུགས་མ་ཡིན་པའི་ནང་དོན་ཡང་ཡོད།སྤྱིར་དབྱེ་ན་རིགས་འདི་དག་ཡོད་དེ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ།ལྷ་མོ།དགྲ་བཅོམ་པ།སྲུང་མ།བླ་མའམ་ཡང་ན་ལོ་རྒྱུས་ཀྱི་མི་སྣ།ཆོས་ཁྲིམས།ལྷ་སྒྲུང་།གསོ་རིག་དང་གནམ་རིག་སྐར་རྩིས།ལོ་རྒྱུས་གཏམ་རྒྱུད།བཟོ་སྐྲུན།ཆོས་སྤྱོད་རྒྱན་རིས་སོགས་ཡོད།
བཞི། འབྲི་བའི་བརྒྱུད་རིམ།
ཐང་ག་འབྲི་བའི་བརྒྱུད་རིམ་མདོར་བསྡུས་ནས་བརྗོད་ན།དེའི་ནང་རྒྱུ་ཆ་འདེམས་པ་དང་།བཅད་རིས་བརྒྱབ་ནས་མ་ཟིན་འགོད་པ།རས་མདོག་སྒྲོག་པ།ཚོས་ཁ་གཉིས་སྒྲིལ།ཐིག་འཐེན་བརྩེགས་པ།ཚོས་གཞི་སེར་པོའི་སྒྲིག་བཀོད།མཛེས་རྒྱན་སྤྲས་པ།སྒྲིག་བཟོ་སོགས་ཚུད་ཡོད།རི་མོ་མ་བྲིས་པའི་གོང་དུ་དགོན་པའམ་ཡང་ན་དམངས་ཁྲོད་ཀྱི་ལྷ་རིས་པས་སྤྲུལ་སྐུར་ལུང་བསྟན་ཞུས་ནས་བཀྲ་ཤིས་པའི་ཉིན་མོ་ཞིག་བདམས་ཏེ།གཟུགས་པོར་ཁྲུས་བྱེད་པ་དང།སྤོས་བདུག་ནས་གསོལ་འདེབས་བྱས་པའི་ཕྱིས་སུ།ཆོས་འདོན་བཞིན་རྒྱུ་ཆ་གྲ་སྒྲིག་བྱེད་སྲིད།ནམ་རྒྱུན་གྲ་སྒྲིག་གི་བྱ་བ་ནི་གཟའ་འཁོར་འགའ་ཤས་འགོར་རྗེས་ད་གཟོད་འགྲུབ་ཐུབ།
ལྔ། བསྡུ་ཉར་མ་འཇོག
མིག་སྔའི་ཁྲོམ་རའི་ཁྲོད་དུ་མིང་དང་ཆིང་རྒྱལ་རབས་ཀྱི་ཐང་གའི་གྲངས་ཚད་ཅུང་མང་པོ་ཞིག་ཡོད་ཅིང་།ད་ལྟ་ཉར་ཚགས་བྱས་པའི་དུས་རབས་རིམ་བྱུང་གི་ཐང་ག་མང་ཆེ་བ་ནི་མིང་དང་ཆིང་རྒྱལ་རབས་ཀྱི་ཐང་ག་ཡིན་མོད།འོན་ཀྱང་མིང་དང་ཆིང་རྒྱལ་རབས་ཀྱི་ཐང་ག་ཚང་མ་སྤུས་དག་ཅིག་མིན་པས་བསྡུ་ཉར་མཁན་གྱིས་ཉར་ཚགས་བྱེད་སྐབས་ངེས་པར་དུ་གཟབ་གཟབ་བྱས་ནས་དོན་གནད་བཞི་ཡིད་ལ་ངེས་དགོས་པ་སྟེ།
གཅིག ཆིང་རྒྱལ་རབས་སྐབས་སུ་བཟོས་པའམ་བསྡུ་ཉར་བྱས་པའི་ཐང་ག་གདམ་དགོས།
གཉིས། བརྗོད་གཞི་ཐུན་མོང་མ་ཡིན་པའི་ཐང་ག་གདམ་དགོས།
གསུམ། འཚེམ་དྲུབ་དང་འཐག་མའི་ཐང་ག་གདམ་དགོས།
བཞི།ལྟ་སྐོར་མང་ཙམ་བྱེད་པ།རྟེན་རྫས་བཤམས་མཛོད་ཁང་དང་བོད་ལྗོངས་ཀྱི་དགོན་སྡེ།ཏུན་ཧོང་སོགས་སུ་བསྐྱོད་ནས་རྡོ་བརྐོས་ལ་བལྟ་པ་དང་།བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་གྲུབ་མཐའི་ལོ་རྒྱུས་ལ་རྒྱུས་ལོན་ཟབ་མོ་ཞིག་བྱ་དགོས་པར་མ་ཟད།ཐང་གའི་གྲུབ་མཐའ་གཙོ་བོ་དང་གཤིས་སྲོལ་ལ་རྒྱུས་མངའ་ཡོད་པ།གཞན་ཐང་ག་འབྲི་བའི་བརྒྱུད་རིམ་ལ་ཤེས་རྟོགས་བྱ་དགོས་ཤིང་ཐང་ག་སྤུས་ལེགས་ནི་ག་འདྲ་ཡིན་པ་ཁོང་དུ་ངེས་དགོས། གང་བྱུང་དུ་ཐང་ག་ཉོ་མི་རུང་ལ་རྫུན་མ་དང་ཉམས་གསོ་བྱས་པའི་ཐང་ག་ཉོ་མི་རུང་།